ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ལམ་ལྷུང་མ་བྱུང་བ།


འདས་པའི་ཟླ་བ་གཅིག་ལྷག་གི་རིང་དེར་མཉམ་འབྲེལ་རྒྱལ་ཚོགས་དང་ལྷོ་ཀོ་རི་ཡ། ཉི་ཧོང་དང་ཨ་མི་རི་ཀ་སོགས་ཀྱིས་བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་འབོད་སྐུལ་ལན་མང་ཞུས་ཀྱང་། བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བློ་ཚབས་དང་ལྷོ་ཀོ་རི་ཡ་སོགས་ཀྱི་འབོད་སྐུལ་ལ་སྣང་འཇོག་མ་བྱས་པར་མེ་ཤུགས་འཕུར་མདའ་ཞིག་བར་སྣང་ཁམས་སུ་གཏོང་རྒྱུའི་ཐག་གཅོད་བྱས་པ་དེར་འགྱུར་བ་བཏང་མེད་པ་དང་། ཕྱི་ཟླ་༤་ཚེས་༡༣་ཉིན་གྱི་ཞོགས་པར་བྱང་ཀོ་རི་ཡའི་གཞུང་གིས་རིམ་པ་གསུམ་ཅན་གྱི་མེ་ཤུགས་འཕུར་མདའ་དེའི་རྩེ་མོར་མི་བཟོས་སྲུང་སྐར་བཀྱོན་ཏེ། ཁོང་ཚོས་སའི་གོ་ལར་རྟོག་ཞིབ་བྱེད་པའི་འཁོར་སྐར་ཞིག་བར་སྣང་ཁམས་སུ་བཏང་བ་དང་། ཀོང་མོང་སུང་གསུམ་པ་ཞེས་པའི་མི་བཟོས་སྲུང་སྐར་དེ་བར་སྣང་ཁམས་སུ་མ་བསླེབས་གོང་དུ་མེ་ཤུགས་འཕུར་མདའ་དེ་བཀད་ཐོར་སོང་ནས་མི་བཟོས་སྲུང་སྐར་དེ་མཚོ་སེར་པོའི་ནང་དུ་ལྷུང་རུང་། བྱང་ཀོ་རི་ཡའི་བརྙན་འཕྲིན་ཁང་གིས་དུས་ཡུན་ཆུ་ཚོད་བཞི་ལྷག་ལ་མེ་ཤུགས་འཕུར་མདའ་བཀད་ཐོར་སོང་བ་ཁྱབ་བསྒྲགས་བྱས་མེད་པ་རེད།

XS
SM
MD
LG