ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དངོས་སུ་མི་སྤྲོད་པའང་འབྱུང་སྲིད།


ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དངོས་སུ་མི་སྤྲོད་པའང་འབྱུང་སྲིད།
ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དངོས་སུ་མི་སྤྲོད་པའང་འབྱུང་སྲིད།

འདི་ལོའི་ཕྱི་ཟླ་༡༢་ཚེས་༡༠་ཉིན་ནོར་ཝེའི་རྒྱལ་ས་ཨོ་ས་ལོར་འཛམ་གླིང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་དངོས་སུ་སྤྲོད་པའི་མཛད་སྒོ་འཚོགས་ཏེ། རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཤིན་ཏུ་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ཐོབ་མཁན་དོ་བདག་གམ། ཡང་ན་ཁོང་གི་བཟའ་བུ་ཕྲུག་གང་རུང་ཞིག་གིས་དངོས་སུ་ལེན་དགོས་པ་ཡིན་རུང་། རྒྱ་ནག་གཞུང་གིས་རང་ཡུལ་གྱི་སྲིད་དོན་ལྟ་བ་མི་མཐུན་པ་ལིའུ་ཤའོ་པོ་བཙོན་ཁག་དུ་བཅུག་ཡོད་པ་དང་། ཁོང་གི་ཆུང་མ་ལིའུ་ཤཱ་ཡང་རང་ཁྱིམ་ལ་བཟང་བཙོན་ནས་ཕྱི་ལ་ཐོན་དུ་འཇུག་གི་མེད་པ་མ་ཟད། ད་སྔ་ནོ་བེལ་གཟེངས་རྟགས་ཚོགས་ཆུང་ལ་ལིའུ་ཤའོ་པོ་ཡི་དགའ་ཉེ་གྲོགས་པོ་སོགས་མི་སུ་ཞིག་གིས་ཀྱང་ཞི་བདེའི་གཟེངས་རྟགས་ལེན་དུ་ཡོང་གི་ཡིན་ཞེས་བརྡ་ལན་འབྱོར་མེད་པར་བརྟེན། ཕྱི་ལོ་༢༠༡༠་ཐམ་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དངོས་སུ་འཚོགས་མི་ཐུབ་པ་ཞིག་ལ་འགྱུར་སྲིད་པའི་ཉེན་ཀ་ཡོད་པ་རེད།།

XS
SM
MD
LG