ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དམིགས་གསལ་སྐུ་ཚབ་དང་བཀའ་ཤག་བསམ་ཚུལ་མི་མཐུན་པ་གང་ཡང་མེད་པ།


དམིགས་གསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་ སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་ད་རེས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཡ་ལན་མ་བྱས་པའི་ཁར་ ད་དུང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པར་བརྟེན་དགོངས་པ་ཞུས་པ་མ་གཏོགས་ བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བསམ་ཚུལ་མི་མཐུན་པའི་གནས་ཚུལ་རིགས་གང་ཡང་བྱུང་མེད་ལུགས་འགྲེལ་བརྗོད་གནང་བའི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་ཞི་གསན་གྱི་རེད།

XS
SM
MD
LG