ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཨོ་ལིམ་ཕེཀ་ལ་ངོ་རྒོལ་སྦག་སྦག་སྐོར་སྐྱོད་ཀྱི་རུ་ཁག་རྡ་རམ་ས་ལར་འབྱོར་བ།


དགུན་དུས་ཨོ་ལིམ་ཕེཀ་རྒྱ་ནག་ཏུ་འཚོག་རྒྱུར་ངོ་རྒོལ་དང་བོད་དོན་དྲིལ་བསྒྲགས་ཆེད་རྒྱ་གར་རྒྱལ་ཡོངས་སུ་་སྦག་སྦག་སྐོར་སྐྱོད་བྱེད་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རུ་ཁག་ད་རིང་རེས་གཟའ་ཉི་མའི་ཉིན་རྡ་རམ་ས་ལར་འབྱོར་འདུག་པ་དང་། སྐབས་དེར་མེག་ལོར་གྱི་ཁྲོམ་གཞུང་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། མི་མང་བཅས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་ལ་ཁ་བཏགས་ཀྱི་ཕེབས་བསུ་ཞུས་པ་མ་ཟད། ལས་འགུལ་བ་རྣམས་ཀྱི་བོད་ཀྱི་རྒྱལ་དར་དང་། སྦྱར་ཡིག་སོགས་འཁྱེར་ནས་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་གིས་པན་ཅིང་ཨོ་ལིམ་ཕིཀ་ནང་མཉམ་མི་བྱེད་རོགས་ཅེས་སྐད་འབོད་གནང་བ་བཅས་ཀྱི་སྐོར་ལ་བཞུགས་སྒར་རྡ་རམ་ས་ལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དབང་འདུད་ལགས་ཀྱིས་བཏང་བའི་གནས་ཚུལ་གསན་རོགས་གནང་།



XS
SM
MD
LG