ཨ་ཕྷེ་རི་ཀའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བདེ་འཇགས་དང་གནམ་གཤིས་ལ་འགྱུར་བ་འགྲོ་བའི་དཀའ་ངལ་གཉིས་ཐད་ཀར་འབྲེལ་བ་ཡོད་པ་ཁོར་ཡུག་སྲུང་སྐྱོབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་དང། མཱ་ལི་བར་གོམ་བགྲོད་བྱ་རྒྱུ་ཞེས་པའི་ ནྷ་ཡི་ཇེ་རི་ཡ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གིས། གནད་དོན་དེའི་ཐད་མངའ་ཁུལ་གྱི་མི་རྣམས་ཀྱི་དོ་སྣང་ཡོང་ཐབས་བྱ་རྒྱུའི་ཆེད་དུ། ནྷ་ཡི་ཇེ་རི་ཡ་ནས་མཱ་ལི་བར་རྒྱང་ཐག་ཀི་ལོ་མི་ཏྲར་སུམ་སྟོང་བཞི་བརྒྱ་ཐམ་པའི་སར། ཞི་བའི་གོམ་བགྲོད་བྱ་རྒྱུའི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཧཱེ་ཐར་ མར་ཌག་གིས་སྤེལ་བའི་གནས་ཚུལ་ཞིག དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།