ངོ་འཕྲད་བདེ་བའི་དྲ་འབྲེལ།

མནར་གཅོད་འགོག་ཐབས་བྱེད་པའི་འགོག་ལྷན་ཚོགས་ཀྱིས་བོད་མི་གཞས་པ་གཉིས་འཚོལ་བཞིན་པ།


མནར་གཅོད་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་གིས་རྒྱལ་སྤྱིའི་ཁྱོད་དུ་མནར་གཅོད་འགོག་པའི་ཉིན་མོ་དང་སྟབས་བསྟུན་ཏེ། བོད་མདོ་སྨད་རྔ་བ་ས་ཁུལ་གྱི་གཞས་པ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་རྗེས་བཙོན་ཁང་གང་དུ་ཡོད་མེད་ནང་མི་ཚོས་རྩད་གཅོད་བྱེད་ཐུབ་ཀྱི་མེད་པ་དང་། ཁྲིམས་ཐག་བཅད་པའི་རྗེས་གཞས་པ་གཉིས་ཀྱི་ཤི་གསོན་གྱི་གནས་སྟངས་ཤེས་རྟོགས་ཐུབ་ཀྱིན་མེད་པའི་སྐོར་ལ། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་རྒྱ་ནག་གཞུང་ལ་གཞས་པ་དེ་གཉིས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG