ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷ་སར་རྔ་བ་ཁུལ་ནས་ཡོང་བའི་ཚོང་བ་ཚོ་འཛིན་བཟུང་བྱེད་བཞིན་པ།


བོད་ཀྱི་རྒྱལ་ས་ལྷ་སར་སྤྱིའི་ཆ་ནས་བོད་མི་ཚོ་འཛིན་བཟུང་དང་དམ་དྲག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་མདོ་སྟོད་སྨད་ཁུལ་ནས་ཡོང་བའི་བོད་མི་སྤྱི་དང་ ཐོབ་ཐང་ལག་ཁྱེར་མེད་མཁན་ཚོ་འཛིན་བཟུང་དང་ཕྱིར་འབུད་གཏོང་གིན་ཡོད་འདུག ང་ཚོར་གནས་ཚུལ་ཁ་གསལ་རག་པ་ནི་རྒྱལ་ས་ལྷ་སར་ནས་བོད་མི་ན་གཞོན་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་རྗེས་ཨ་མདོ་རྔ་བའི་སྐྱིད་སྡུག་ཚོགས་ཁོངས་ལྷ་སའི་ཚོང་བ་ཚོ་འཛིན་བཟུང་བྱས་ཡོད་འདུག ཡང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོས་ལྷ་ས་སྤྱིའི་ཆ་ནས་བརྟན་ལྷིང་ཡིན་ན་ཡང་། མདོ་སྟོད་སྨད་ཁུལ་ནས་ཡོང་བའི་ཁ་བྲལ་རིང་ལུགས་པས་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་ལས་དོན་བྱེད་ཀྱི་ཡོད་ཚུལ་སྐྱོནབརྗོད་བྱེད་ཀྱིན་ཡོད་པ་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱེད་ཡོད་པ་ཞིག་གསན་རོགས་གནང་།

XS
SM
MD
LG