ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མདོ་སྨད་བླ་བྲང་འབོ་ར་དགོན་པར་ཡར་ལངས་བྱུང་བ།


བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་ར་ས་ཁུལ་གྱི་འབོ་རྭ་དགོན་པ་རུ། དེ་རིང་བོད་ནང་གི་ཉིན་གུང་ཙམ་ལ། དགེ་མདུན་པ་ཚོས་མགོ་ཁྲིད་དེ། ལག་ཏུ་རྒྱལ་ དར་བཟུང་བ་དང་། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ ཞུ་དགོས། རྒྱ་ནག་གི་དམག་མི་བོད་ཀྱི་ས་ཁུལ་ཁག་ནས་ཕྱིར་འཐེན་བྱ་དགོས་ཞེས་ངོ་ རྒོལ་སྐད་འབོད་ཀྱི་ཁྲོམ་སྐོར་བྱེད་དེ་ཞང་སྲིད་གཞུང་གི་སྒོ་ཁ་ནས་ལས་འགུལ་སྤེལ་ཡོད་ འདུག འདིའི་ཐད་ལ་ཚེ་རིང་སྐྱིད་ཀྱིས་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཕ་ཡུལ་ འབོ་ར་ནས་ཡིན་པའི་བསང་ཆུ་འབྲུག་བྷེ་ལགས་སུ་བཀའ་འདྲི་ཞུས་ཡོད་པ་ཞིག་ལ་ གསན་རོགས་གནང་།

XS
SM
MD
LG