ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རང་ལོ་༢༠ཡིན་པ་བློ་བཟང་ཚུལ་ཁྲིམས་འདས་གྲོངས་སུ་གྱུར་བ།


ཚེས་༡༦ཉིན་རང་ལུས་མེར་བསྲེགས་གཏོང་མཁན་རང་ལོ་༢༠ཡིན་པ་ཨ་མདོ་རྔ་བའི་ཀི་རྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་འདས་གྲོངས་སུ་གྱུརབ་དང་། རྒྱ་ནག་གི་ཕྱོགས་ནས་ཁོང་གི་ནང་མུར་རུས་ཐལ་ཙམ་མ་གཏོགས་སྤྲད་མེད་པས་ནང་མི་ཚོས་བོད་མིའི་སྲོལ་རྒྱུན་ལྟར་འདས་མཆོད་བྱེད་ཐུབ་མེད་པ་དང་། རྔ་བའི་སེར་སྐྱ་མང་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་བཅས་རྔ་བ་སྤྱིའི་གནས་སྟངས་ལ་སོགས་པའི་ཐད་སྐོར་ལ་ཚེ་རིང་སྐྱིད་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་བོད་གནས་ཛ་དྲག་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད་པ་ཞིག་གསན་རོགས་གནང་།

XS
SM
MD
LG