ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཆོས་པ་ཚོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་དགོས་ཟེར།


༄༅།། རྒྱ་ནག་སྲིད་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༡་ཉིན་ནས་བཅའ་ཁྲིམས་གསར་པ་ཞིག་ལག་ལེན་བསྟར་རྒྱུ་ཡིན་ཞིང་། བཅའ་ཁྲིམས་གསར་པ་དེར་ཆོས་ལུགས་ཀྱི་འགོ་ཁྲིད་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་རྗེས་སུ་འབྲངས་ནས་རྒྱབ་སྐྱོར་དང་གོང་བཀུར་བྱ་དགོས། ཆོས་ལུགས་མི་སྣ་ཚོ་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་དང་མཐའ་ལྷུང་རིང་ལུགས། ཁ་བྲལ་རིང་ལུགས་བཅས་ཀྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་ཆོག་ཅེས་བཀོད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG