ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

ཤར་པའི་རྒྱབ་སྐྱོར་ཐེབས་རྩ་ཁང་གིས་སློབ་ཡོན་རོགས་རམ།  


ཤར་པའི་རྒྱབ་སྐྱོར་ཐེབས་རྩ་ཁང་
ཤར་པའི་རྒྱབ་སྐྱོར་ཐེབས་རྩ་ཁང་

༄༅།། འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་སྟེང་དུ་འགྲོ་བ་མི་འཛེགས་ནས་ལོ་༧༠་འཁོར་བའི་དུས་དྲན་སྐབས་སུ་བལ་ཡུལ་གྱི་ཤར་པའི་ཐེབས་རྩ་ཁང་དང་ཨ་རིའི་ཤར་པའི་རྒྱབ་སྐྱོར་ཐེབས་རྩ་ཁང་གཉིས་མཉམ་འབྲེལ་གྱིས་ཤར་ཁུམ་བུ་རྫོང་གི་སློབ་ཕྲུག་༡༤༠་ཐམ་པར་སློབ་ཡོན་རོགས་རམ་སྤྲད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༣༠་ཉིན་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེབས་རྩ་ཁང་གི་འབྲེལ་མཐུད་དུ་པ་གཙོ་བོ་པ་སངས་ཤར་པ་པི་ན་ས་ཞེས་པ་ཞིག་གིས་མབ་ཡ་དྷུ་ཀོ་ཤི་མཐའ་མཚམས་གྲོང་རྡལ་དེའི་ས་ཁུལ་བདུན་གྱི་སློབ་ཕྲུག་༡༤༠་ཐམ་པར་ལོ་ལྟར་བལ་སྒོར་ཁྲི་ཚོ་༡་རེའི་སློབ་ཡོན་རོགས་རམ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་སྤེལ། དེའི་དམིགས་ཡུལ་ནི་ཤར་པའི་གྲོང་གསེབ་ཁག་གི་བྱིས་པ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲད། དཔལ་འབྱོར་གྱི་འགྲོ་གྲོན་མེད་པའི་ཤར་པའི་ཕྲུ་གུ་ཚོའི་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན་ཞེས་བསྒྲགས།།

ཤར་པའི་ཐེབས་རྩ་ཁང་གིས་ས་ཁུལ་རེ་ནས་སློབ་ཡོན་རོགས་རམ་སྤྲོད་ཡུལ་སློབ་ཕྲུག་༢༠་རེ་བདམས། སློབ་ཡོན་རོགས་རམ་འདི་ལོ་༥་ལ་སྤྲོད་རྒྱུ་དང་ཕྱི་ཟླ་༥་པའི་ཚེས་༡༩་ནས་༢༨་བར་དུ་སློབ་ཡོན་བགོ་འགྲེམ་བྱེད་ཀྱི་ཡོད། དབུལ་ཕོངས་ཁྱིམ་ཚང་ཁག་གི་ཕྲུ་གུ་ཚོས་སློབ་ཡོན་རྣམས་སྒྲིག་ཆས་དང་སྨྱུ་གུ དཔེ་ཁུག་སོགས་ཉོ་བར་འགྲོ་གྲོན་གཏོང་ཆོག སྔ་ལོ་ཤར་པའི་ཐེབས་རྩ་ཁང་གིས་སློབ་གྲྭ་༡༨་ཀྱི་སློབ་ཕྲུག་༡༠༡༠་ལ་དཔེ་ཁུག་སྤྲད་པ་ཡིན། ང་ཚོས་གཉེར་གྱི་ཡོད་པའི་ལས་གཞི་འདི་དག་གིས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་ཐད་ཡར་སྐུལ་དང་གྲོང་གསེབ་ཁག་གི་སློབ་ཕྲུག་དབུལ་ཕོངས་ཚོར་ཕན་ཐོགས་འབྱུང་གི་འདུག་ཅེས་གནས་ཚུལ་སྤེལ། དེ་བཞིན་ཤར་པ་མིག་དམར་ནོར་བུའི་མཚན་ཐོག་ཏུའང་སློབ་ཡོན་རོགས་རམ་སྤྲོད་ཀྱི་ཡོད་པ་སྟེ། མ་འོངས་པའི་ལོ་བཞིའི་རིང་བལ་པོའི་སྤྱི་དམངས་ཡིན་པ་དང་རང་ལོ་༢༥་མ་བརྒལ་བ། ཆ་རྐྱེན་ཚང་བ་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ཚོར་བལ་སྒོལ་༥༦༩༤༠༠་སྤྲོད་རྒྱུའི་གསལ་བསྒྲག་སྤེལ།།

༢༠༡༡་ལོར་ཤར་ཁུམ་བུའི་ཕབ་ལུ་གྲོང་གསེབ་ཏུ་སྐུ་ཞབས་ཨེ་ཌི་མོན་ཌི་(Edmund Hillary)་མཐོ་འབྲིང་སློབ་གྲྭ་བཙུགས། ༢༠༢༡་ལོར་གྲོང་གསེབ་དེར་ཛེ་ཀེ་ཨོ་ཀ་ནོར་(Zeke O’Connor)སྔོན་འགྲོའི་སློབ་གྲྭ་བཙུགས་ཏེ་འཛིན་གྲྭ་༧་པའི་བར་དུ་སློབ་ཚན་བསླབས། དེང་སྐབས་གྲོང་ཚོ་དེར་སློབ་ཕྲུག་༢༧༠་ལྷག་ཡོད་པའི་མང་ཆེ་བ་ཤར་པའི་བུ་ཕྲུག་རྣམས་ཡིན་ཞིང་། སྐུ་ཞབས་ཨེ་ཌི་མོན་ཌི་དང་ཨོ་ཀ་ནོར་གཉིས་གྲོགས་པོ་ཡིན་པ་དང་༡༩༧༣་ལོར་ཨོ་ཀ་ནོར་བལ་ཡུལ་དུ་ཁྲིད་དེ་ཤར་པའི་འཚོ་བ་སོགས་མཚམས་སྦྱོར་ཞུས། བལ་ཡུལ་གྱི་མཐའ་མཚམས་ཁག་གི་ཤར་པའི་ཕྲུ་གུ་རྣམས་སློབ་གྲྭར་འགྲིམ་མི་ཐུབ་ཅིང་། ཁོ་ཚོས་ཁྱིམ་ལས་བྱེད་པའམ། ཡང་ན་ཕ་མ་ཚོར་གང་དུ་མཁོ་བ་དེ་རུ་ལས་རོགས་སུ་བསྐྱོད། ཤར་པའི་ཁྱིམ་ཚང་མང་པོར་སློབ་ཡོན་འགྲོ་གྲོན་གཏོང་རྒྱུ་མེད་པར་བུ་ཕྲུག་རང་ཁྱིམ་དུ་ལུས། ཀེ་རན་ཨོ་ཀ་ནོར་(Karen O’Connor)གྱིས་ཤར་པའི་ཁྱིམ་ཚང་ཁག་ལ་སློབ་ཡོན་འགྲོ་གྲོན་གཏོང་རྒྱུ་མེད་པས་བུ་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཆད་ཀྱི་འདུག ཁོ་ཚོར་སློབ་ཡོན་རོགས་རམ་ཐོབ་ན་འཚོ་བར་ལེགས་འགྱུར་བྱུང་སྟེ་མི་ཚེ་ཧྲིལ་པོར་ཕན་ཐོགས་ཀྱི་འདུག་ཅེས་བསྟན།།

སྐུ་ཞབས་ཨེ་ཌི་མོན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་༡༩༥༣་ལོའི་ཕྱི་ཟླ་༥་པའི་ཚེས་༢༩་ཉིན་འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་སྟེང་དུ་འཛེགས། ད་ལོའི་ཕྱི་ཟླ་༥་པའི་ཚེས་༢༣་ནི་འགྲོ་བ་མི་རྣམས་ཇོ་མོ་གླང་མའི་སྟེང་དུ་འཛེགས་ཏེ་ལོ་༧༠་འཁོར་བའི་དུས་དྲན་རེད། ༡༩༥༣་ནས་བཟུང་སྟེ་ཤར་པ་རྣམས་འཛམ་གླིང་གི་གངས་རི་འཛེག་མཁན་དང་རི་འཛེག་པའི་ལམ་ཤན་པ་མཆོག་ཏུ་གྱུར་པ་ཞིག་ཏུ་ངོས་འཛིན་ཐོབ་ནས་སྙན་གྲགས་རྒྱས། ཕྱི་ཟླ་༥་པའི་ཚེས་༣༠་ཉིན་བལ་ཡུལ་དུ་ཇོ་མོ་གླང་མར་འཛེགས་ནས་ལོ་༧༠་འཁོར་པའི་དུས་དྲན་ཚུགས། ༡༩༥༣་ལོར་དབྱིན་ཇིའི་རི་འཛེག་མཐུན་ཚོགས་ཀྱི་འགོ་ཁྲིད་ཇཱོན་ཧན་ཊིས་བལ་ཡུལ་གཞུང་གིས་ལོ་རེར་ཇོ་མོ་གླང་མའི་སྟེང་དུ་ཐེངས་གཅིག་ལས་འཛེག་ཆོག་པའི་འཁྲལ་ཆ་སྤྲོད་ཀྱི་མི་འདུག ནེའུ་ཛི་ལན་ཌི་བ་ཧི་ལ་རི་དང་འཇོར་ཇཱི་ལོ་ཝེ་གཉིས་རི་འཛེག་ཁོངས་སུ་ཞུགས་ཐུབ་པ་ནི་ལས་བསོད་རེད་ཅེས་བཤད་མྱོང་ཡོད་འདུག

scholarship to 140 students in Solukhumbu
scholarship to 140 students in Solukhumbu

ལོ་༧༠་ཐམ་པའི་གོང་གི་རི་འཛེགས་དེར་མི་༤༠༠་ལྷག་ཞུགས་ཀྱང་མང་ཆེ་བ་རི་སྐེད་ནས་ཕྱིར་ལོག་བྱ་དགོས་པར་གྱུར། མཐའ་མཇུག་རུ་ཁག་གཉིས་ཏེ། ཧི་ལ་རི་དང་ཤར་པ་བསྟན་འཛིན། ཊོམ་བྷོར་ཌི་ལོན་དང་ཆལ་སི་ཨེ་ཝན་སི་གཉིས་ཀྱི་རུ་ཁག་ལ་ཐུག ཊོམ་བྷོར་ཌི་ལོན་དང་ཆལ་སི་ཨེ་ཝན་སི་གཉིས་ཀྱི་རུ་ཁག་དེ་ཇོ་མོ་གླང་མའི་རྩེ་རུ་སླེབས་པར་མཱི་ཊར་༩༡་ལས་མེད་པའི་མཚམས་སུ་ཕྱིར་ལོག་བྱས་མོད། ཧི་ལ་རི་དང་ཤར་པ་བསྟན་འཛིན་གཉིས་ཀྱི་རུ་ཁག་དེ་ཇོ་མོ་གླང་མའི་རྩེ་རུ་འཛེགས་ཏེ་འཛམ་གླིང་གི་རི་འཛེགས་ལོ་རྒྱུས་ནང་དུ་ཟིན་ཐོ་གསར་པ་ཞིག་བཀོད། ཤར་པ་བསྟན་འཛིན་གྱིས་ཁ་བའི་ནང་དུ་ཅོག་ལེ་ཊི་མངར་ཟས་དང་དེ་མིན་གྱི་ཟས་རིགས་རྣམས་སྦས་ནས་ཡུལ་ལྷ་གཞི་བདག་རྣམས་མཆོད། ཧི་ལ་རིས་ཁངས་ཀྱི་ནང་དུ་རྒྱང་ཤིང་ཞིག་བརྡབས། ཁོང་གིས་ཇོ་མོ་གླང་མའི་རྩེ་རུ་ཤར་པ་བསྟན་འཛིན་པར་བརྒྱབ་ཀྱང་སོ་སོ་པར་རྒྱག་རྒྱུ་བརྗེད།།

Nepal Everest Edmund Hillary
Nepal Everest Edmund Hillary

ད་ལྟ་ཤར་པའི་ན་གཞོན་མང་པོར་བསྟན་འཛིན་ནོར་རྒྱས་དང་ཧི་ལ་རི་ཐེབས་རྩ་ཁང་སོགས་ནས་སློབ་ཡོན་རོགས་ཐོབ་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཐོ་སློབ་འགྲིམས། དཔེར་ན་ལོ་ན་༢༤་ལ་སོན་པའི་ཤར་པ་མིག་མར་ནི་ཨ་མི་རི་ཀར་འཚོ་གནས་བྱེད་ཀྱི་ཡོད་པར་མ་ཟད། ཁོ་པ་ཨ་རིའི་ཨ་ལ་བྷ་མའི་བྷར་མིང་ཧམ་སློབ་ཆེན་ཐོན་པའི་རྗེས་སུ་ཧ་ཝར་ཌི་སློབ་ཆེན་ལ་ཚུད། ཤར་པ་མིག་དམར་གྱིས་རང་གི་སྐྱེ་ཡུལ་གྲོང་གསེབ་དང་གྲོང་གསེབ་དེའི་སློབ་གྲྭར་འབྲེལ་བ་མ་ཆད་པར་སློབ་ཟུར་མཐུན་ཚོགས་བཙུགས། ཇོ་མོ་གླང་མར་འཛེགས་ནས་ལོ་༧༠་འཁོར་བའི་དུས་དྲན་ཉིན་བལ་ཡུལ་གཞུང་དང་ཤར་པ་རྣམས་གཙོས་སྤྱི་སྒེར་གཉིས་ཀས་སློབ་ཡོན་རོགས་རམ་དང་རི་འཛེག་པ་གྲུབ་འབྲས་ཅན་ཚོའི་བྱས་རྗེས་ལ་ངོས་འཛིན། ལྷག་པར་དུ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ཏེ་ཇོ་མོ་གླང་མའི་གངས་རི་རྣམས་ཞུ་ཡི་ཡོད་པ་དང་ཁོར་ཡུག་འབག་བཙོག་བཟོ་ཡི་ཡོད་པའི་ཉེན་ཁ་རྣམས་ངོས་ཟིན་དགོས་པར་མི་མང་ལ་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG