ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བལ་ཡུལ་དུ་ཨ་རིའི་རོགས་དངུལ་ལེན་མི་ཆོག་ཅེས་ངོ་རྒོལ།


༄༅།། ཨ་མི་རི་ཀས་བལ་ཡུལ་ལ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཆེད་དུ་ཨ་སྒོར་དུང་ཕྱུར་༥་རོགས་རམ་སྤྲོད་ཀྱི་ཡོད་པ་དང་ཀོང་རེ་སི་ཚོགས་པས་འགོ་ཁྲིད་པའི་བལ་ཡུལ་གྱི་སྲིད་གཞུང་ལ་ཨ་རིའི་རོགས་དངུལ་རྣམས་ལེན་འདོད་ཡོད་ཀྱང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་པའི་བལ་ཡུལ་གྱི་དམར་ཤོག་ཚོགས་པས་ཨ་རིའི་རོགས་དངུལ་ལེན་མི་ཆོག་ཅེས་གྲོས་ཚོགས་སུ་བཀག་འགོག་བྱེད་ཀྱི་ཡོད་པར་མ་ཟད། དེ་རིང་ཕྱི་ཚེས་༡༧་ཉིན་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་ནས་ཉེན་རྟོག་པ་ཚོས་མཆི་སྦྱིན་དུག་རླངས་གཏོར་བ་དང་མི་༡༥༠་ལྷག་བཀག་ཉར་བྱས་འདུག་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG