ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བལ་ཡུལ་ནང་གནམ་གྲུ་ཞིག་ས་ལ་ལྷུངས་ཏེ་མི་གྲངས་༡༥ ལ་སྲོག་སྐྱོན་བྱུང་བ།


བལ་ཡུལ་གྱི་མཐའ་མཚམ་རི་རྒྱུད་ས་གནས་འཛོམས་གསུམ་གནམ་ཐང་གི་ཉེ་ཕྲིས་སུ་པོག་ར་ནས་ཐོན་པའི་གནམ་གྲུ་ཆུང་ངུ་ཞིག་ས་ལ་ལྷུངས་ཏེ་མི་གྲངས་༡༥ ལ་སྲོག་སྐྱོན་བྱུང་བ་དང་གཞན་གསོན་པོར་གནས་པ་དྲུག་གི་གནས་སྟངས་ཧ་ཅང་ཚབས་ཆེ་ཡོད་འདུག། ད་ལྟའི་ཆར་གནམ་གྲུ་དེ་ས་ལ་ལྷུངས་རྐྱེན་དངོས་འབྲེལ་ཇི་ཡིན་ཐད་རྟོག་ཞིབ་བྱེད་མུས་ཀྱང་ གཞུང་འབྲེལ་མི་སྣས་འཕྲུལ་ཆས་ལ་ལ་སྐྱོན་ཤོར་ཏེ་རྐྱེན་ངན་དེ་བྱུང་བའི་བཟོ་བལྟ་ཡོད་ལུགས་གཏམ་བཤད་བྱས་ཡོད་པ་རེད།

XS
SM
MD
LG