ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་དོན་ལས་འགུལ་བ་ཞིག་ལ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད།


བལ་ཡུལ་གྱི་ཁྲིམས་ཁང་ཞིག་གིས་བོད་དོན་ལས་འགུལ་བ་ཚེ་བརྟན་རྡོ་རྗེ་ལ་ལོ་ལྔ་དང་ཕྱེད་ཀ་ཙམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལོའི་ཕྱི་ཟླ་༣་ཚེས་༡༠་ཉིན་བོད་དོན་ལས་འགུལ་བ་ཚེ་བརྟན་རྡོ་རྗེ་དང་ཨ་མ་ལྡོམ་པོ་སྐྱིད། སྲིང་མོ་སྐྱིད་གསུམ་གྱིས་རྒྱ་གར་དྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་དུ་ཞི་བའི་གོམ་སྐྱོད་ཀྱི་ལས་འགུལ་ཞིག་འགོ་བརྩམས་ཏེ། ཨ་མ་ལྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ནས་མ་ཐར་པར་ཕྱིར་དྷ་རམ་ས་ལར་ལོག་དགོས་ཐུག་རུང་། ཚེ་བརྟན་རྡོ་རྗེ་གཅིག་པུ་ལྐོག་ཏུ་བལ་ཡུལ་གྱི་ས་ཐོག་ཏུ་འཛུལ་ཏེ་བོད་སྐྱོད་ལས་འགུལ་རྒྱུན་འཁྱོངས་བྱས་པ་དང་། ཁོང་བལ་ཡུལ་གྱི་རྒྱལ་སར་ཀ་ཐ་མན་ཀྲུར་མ་བསླེབས་གོང་དུ་ཉེན་རྟོག་པས་འཛིན་བྱས་ནས་བཙོན་ཁང་དུ་བཅུག་སྟེ། དེ་རིང་ཕྱི་ཟླ་༦་ཚེས་༡༥་ཉིན་བལ་ཡུལ་གྱི་ཁྲིམས་ཁང་ཞིག་གིས་བོད་དོན་ལས་འགུལ་བ་ཚེ་བརྟན་རྡོ་རྗེ་ལ་ལྔ་དང་ཟླ་བ་ལྔ་ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་བོད་མི་དམངས་སྤྱི་འཐུས་ལས་ཐོག་རྨོག་རུ་བསྟན་པ་ལགས་སུ་དེའི་སྐོར་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG