ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

ལུམ་བྷི་ནིའི་ནང་པའི་ཚོགས་ཆེན་དང་འབྲེལ་ནས་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བར་དཀའ་ངལ།


གཟའ་འཁོར་འདིར་སྟོན་པའི་གནས་ཆེན་ལུམ་བྷི་ནིར་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་པ་དེ་དང་འབྲེལ་ཏེ་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བར་དཀའ་ངལ་གསར་པ་ཞིག་འཕྲད་འདུག་པ་དང་། དེ་ཡང་བལ་ཡུལ་གྱི་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་བྱེད་ཀྱི་ཡོད་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དེར་རྒྱ་ནག་གིས་དཔལ་འབྱོར་འགྲོ་གྲོན་ཆེན་པོ་གཏོང་གི་ཡོད་པ་མ་ཟད། ཚོགས་ཆེན་གོ་སྒྲིག་བྱེད་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། དེའི་ཁར་བལ་ཡུལ་གྱི་སྲིད་བློན་གྱིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་ནི་བལ་ཡུལ་ཡིན་པ་ལས་རྒྱ་གར་མ་རེད་ཅེས་གཏམ་བཤད་བྱས་པ་དང་ཚོགས་ཆེན་གྱི་བརྗོད་གཞིར་བསྒྱུར་བཅོས་བྱས་པ་བཅས་ལ་བརྟེན་ནས་ཚོགས་ཆེན་དེ་གོ་སྒྲིག་བྱེད་ཕྱོགས་ལ་རྒྱ་གར་དང་བལ་ཡུལ་གཉིས་དབར་མ་མཐུན་པའི་འགལ་བ་ཆེན་པོ་བྱུང་འདུག་ཅིང་ཐོག་མའི་འཆར་དིལླི་གསར་པར་ཡོད་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱིས་ཚོགས་ཆེན་གོ་སྒྲིག་གནང་རྒྱུ་བྱས་འདུག་ཀྱང་། གནད་དོན་དེ་དག་གིས་རྐྱེན་བྱས་ཏེ་ཚོགས་འདུ་གོ་སྒྲིག་གནང་མཁན་གྲས་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད།

XS
SM
MD
LG