ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་དཀར་ནག་དང་ཀི་ཤི་མིར།


རྒྱ་གར་གཞུང་གིས་ཇ་མུ་དང་ཀ་ཤི་མིར་ལ་དམིགས་བསལ་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཕྱིར་བསྡུ་བྱས་ནས་དབུས་གཞུང་གི་ཐད་སྐྱོང་མངའ་སྡེ་ཇ་མུ་ཀ་ཤི་མིར་དང་ལ་དྭགས་བཅས་དུམ་བུ་གཉིས་སུ་བགོ་རྒྱུའི་ཐག་གཅོད་བྱུང་བའི་རྗེས་སུ་ཁ་སང་གཟའ་ཕུར་བུ་ནས་དབུས་གཞུང་གིས་འཛིན་སྐྱོང་བྱ་རྒྱུ་དངོས་སུ་འགོ་ཚུགས་ཡོད་པ་རེད།

རྒྱ་གར་དབུས་གཞུང་གི་ཐག་གཅོད་དེར་ས་ཆའི་བདག་དབང་རྩོད་བཞིན་པའི་པ་ཀི་སི་ཐན་དང་རྒྱ་ནག་གིས་ཀྱང་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་གར་གཞུང་གིས་ཕྱོགས་གཅིག་རྐྱང་པས་ཐག་གཅོད་གནང་ཕྱོགས་དེར་ངོ་རྒོལ་ཡོད། དེའི་ཁུལ་གྱི་ས་ཆའི་བདག་དབང་གི་རྩོད་གཞི་ནི་འདས་པའི་ལོ་རྒྱུས་ནས་ལྷག་པའི་དཀའ་རྙོག་ཞིག་ཡིན་པས་ཞི་བའི་སྒོ་ནས་ཐག་གཅོད་ཅིག་བྱ་དགོས་ཞེས་བསྐྱར་བརྗོད་བྱས་ཡོད་པ་སོགས་ཀྱི་གསར་འགྱུར་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG