དབྱིན་ཡུལ་གྱི་གྲོང་ཁྱེར་ཀེམ་བྷི་རིཇ་དུ་གནས་སྡོད་བྱེད་པའི་རྒྱ་མོ་ཕྷང་ཅིང་ དྲོལ་ཕྷི་ནི་ཕྲུ་གུ་མཚེ་མ་ཡོད་པའི་ཨ་མ་ཡིན་ཞིང་ ཁོང་ལ་བཟའ་ཟླ་དབྱིན་ཇིའི་མི་གཅིག་ཡོད་པ་དང་ ཁོང་ནི་རྒྱལ་སྤྱིའི་ཐོག་གྲགས་ཆེ་བའི་མི་བསད་པའི་ཉེས་དོན་གྱོད་གཞི་ཞིག་གི་ནང་ཚུད་སྟངས་མེད་པ་ལྟ་བུ་ཞིག་ཡིན་ནའང་ ད་ཆ་ཁོང་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་གྱོད་གཞི་རྙོག་འཛིངས་ཆེ་ཤོས་བྷོ་ཤི་ལེ་ཡི་གྱོད་གཞིའི་ནང་ཚུད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།