ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༥༠


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེངས་འདིའི་ལས་རིམ་ལ་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཚུགས་ནས་ལོ་༥༠ འཁོར་པའི་དུས་དྲན་དང་། འདས་པའི་ལྔ་བཅུའི་རིང་གི་བོད་ཕྲུག་ཁྱིམ་སྡེའི་གྲུབ་འབྲས་དང་མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་སོགས་ལ་བགྲོ་གླེང་བྱེད་རྒྱུ་ཡིན། དེ་རིང་གི་བགྲོ་གླེང་ལས་རིམ་ལ་རྒྱ་གར་མ་སུ་རི་ནས་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་ལགས་དང་། རྒྱལ་ས་ཝ་ཤིང་ཊོན་ནས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་ཟུར་པ་པདྨ་བདེ་ཆེན་ལགས་དང་མ་སུ་རི་བོད་ཕྲུག་ཁྱིམ་གྱི་སློབ་དགེ་ཟུར་པ་ཚེ་བརྟན་ཆོས་སྒྲོན་ལགས་མཉམ་ཞུགས་བྱེད་ཀྱི་ཡོད།

XS
SM
MD
LG