ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

མེ་འཕེན་མཚམས་འཇོག་དུས་འཕུར་མདེལ་གྱིས་གཏོར་རྒོལ།


འདས་པའི་ཉི་མ་བཅུའི་གོང་ནས་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཨི་སི་རལ་ལ་གྷ་ཟ་ཐང་གཤོང་ནས་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས་ཡོད་ཅིང་། ཨི་སི་རལ་གྱི་དམག་གིས་གནམ་ས་གཉིས་ནས་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་རྟེན་གཞི་ཁག་ལ་རྒོལ་ལན་སློག་སྟེ། ད་ལྟ་གྷ་ཟ་ཐང་གཤོང་དུ་འཚོ་གནས་བྱེད་བཞིན་པའི་པ་ལི་སི་ཐན་གྱི་མི་མང་དཀྱུས་མ་བརྒྱ་ཕྲག་མང་པོར་འཆི་རྨས་ཀྱི་གནོད་འཚེ་ཕོག་པ་དང་། མི་མང་གི་ཁང་པ་ཕལ་ཆེ་བར་གཏོར་བཤིག་ཕོག་ནས་ས་ཆ་གཞན་ལ་སྐྱབས་བཅོལ་འགྲོ་དགོས་ཐུག་ཡོད་པས། ཨ་མི་རི་ཀ་དང་ཨི་ཇེབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གཉིས་ལ་བར་འདུམ་བྱས་ནས་འཐབ་འཁྲུག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་རུང་། ཁ་སང་གཟའ་ལྷག་པའི་ཉིན་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཨི་སི་རལ་དང་པ་ལི་སི་ཐན་བ་ཚོས་ལོ་བཅུ་ཐམ་པའི་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཞིག་འཇོག་དགོས་ཞེས་ཨི་ཇེབ་ཀྱི་བར་འདུམ་ལ་མ་མཉན་པ་དང་། དེ་རིང་གཟའ་ཕུར་བུའི་ཉིན་ཨི་སི་རལ་དང་ཧ་མ་སི་དྲག་སྤྱོད་ཤོག་ཁག་གཉིས་ཀྱིས་དུས་ཡུན་ཆུ་ཚོད་ལྔ་ལ་མེ་འཕེན་མཚོན་བྱ་རྒྱུ། དུས་ཡུན་དེའི་རིང་ལ་ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་གི་པ་ལི་སི་ཐན་མི་དམངས་ལ་སྐྱོབ་གསོ་དང་མཁོ་ཆས་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG