ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་གར་བ་༤༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བ།


༄༅།། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་གར་གཞུང་གིས་ཁྱབ་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་རྒྱལ་ཡོངས་སུ་མི་༤༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་ཡོད་ཅིང་། འདི་ནི་བསྟུད་མར་མི་༤༠༠༠་ལྷག་ལ་འཆི་སྐྱོན་བྱུང་བའི་ཉིན་གཉིས་པ་ཡིན་པར་མ་ཟད། ཉིན་ལྟར་རྒྱ་གར་བ་༤༠༠༠༠༠་ཙམ་ལ་ནད་དུག་འགོས་པའི་ཉིན་བཞི་པའང་ཡིན་འདུག ད་ལྟ་སྨན་བཅོས་དང་འབྲེལ་མཐུད་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG