ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༢/༠༥
བོད།
གྲྭ་བཙུན་ཚོར་བསམ་བློའི་སློབ་གསོ་བཏང་རྗེས་དགོན་པར་ཕྱིར་སློག
ཐོན་གསར་ཤོས། ༡༡།༠༨།༢༠༢༠
གྲྭ་བཙུན་ཚོར་བསམ་བློའི་སློབ་གསོ་བཏང་རྗེས་དགོན་པར་ཕྱིར་སློག
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། ཉེ་ཆར་སྤྱི་ཟླ་༦་པའི་ཚེས་༣༠་ཉིན་བོད་ནང་གི་ཡུལ་ཤུལ་ཁུལ་གྱི་ཉ་མཚོ་ཟིལ་དཀར་དགོན་དང་མདོ་སྔགས་སྐལ་བཟང་ཆོས་འཁོར་གླིང་གི་གྲྭ་བཙུན་ལོ་ན་༡༨་ལ་མ་སོན་པ་རྣམས་རྫོང་ཐོག་ཏུ་འབོད་འགུགས་ཀྱིས་རྒྱ་གཞུང་གི་སློབ་གསོ་སྤྲོད་བཞིན་པ་མཚམས་བཞག་སྟེ་གྲྭ་བཙུན་རྣམས་རང་དགོན་དུ་ཕྱིར་སློག་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། སྤྱི་ཟླ་༨་པའི་ཚེས་༩་དང་༡༠་གཉིས་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤྲོད་བཞིན་པའི་གྲྭ་པ་དང་བཙུན་མ་རྣམས་རང་དགོན་སོ་སོར་ཕྱིར་ལོག་བྱེད་དུ་བཅུག་ཡོད་ཅིང་། ཁོ་ཚོ་རྫོང་ཐོག་ཏུ་བཀག་ནས་སློབ་གསོ་སྤྲད་པའི་རིང་དེར་སྐྱ་ཆས་གྱོན་དགོས་བྱུང་འདུག གཙོ་བོ་ཉིན་ལྟར་རྒྱ་གཞུང་གི་འཆར་གཞི་དང་བཀོད་སྒྲིག་བྱེད་ཡོད་པའི་སློབ་ཐུན་ཚང་མར་མཉན་དགོས་བ་དང་བཟའ་འཐུང་སོགས་ལ་དཀའ་ངལ་ཆེན་པོ་ཕྲད་མེད་པ་འདྲ། ད་ལྟ་གནས་སྐབས་རིང་རྒྱ་གཞུང་གི་སྲིད་ཇུས་དེ་ཉིད་མཚམས་འཇོག་བྱས་ཟིན་པའི་རྣམ་པ་ཞིག་འདུག་ཅེས་བཤད།།
འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པའི་མུ་འཐད་དུ་བརྗོད་དོན་ལྟར་ན་། དེ་སྔ་ཏོག་དབྱིབས་ནད་དུག་གི་སྟབས་ཀྱིས་དགོན་པའི་ཚོགས་ཆོས་ར་དང་དགེ་འདུན་འདུས་མང་གདན་གཅིག་ཏུ་འཛོམས་ནས་ཞབས་རིམ་སྒྲུབ་པ་སོགས་བཀག་འགོག་བྱས་པ་རེད། ད་ལྟ་ས་གནས་སོ་སོའི་བོད་ཀྱི་དགོན་སྡེ་ཁག་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་དང་ཚོགས་ཆོས་ར་འཚོགས་རྒྱུ་བཅས་ལ་བཀག་འགོག་གང་ཡང་མེད་པར་དངོས་སུ་ལྷོད་ཡངས་ཤིག་བཏང་འདུག མི་ཚོགས་འདུ་འཛོམས་ཆེ་སར་འགྲོ་བའི་སྐབས་སུའང་ཁ་རས་གྱོན་མཁན་ཇེ་ཉུང་དུ་སོང་འདུག་ཅེས་བཤད།།
འདི་དང་དུས་མཚུངས་སུ་ཟླ་སྔོན་མར་བོད་ནང་གི་དཀར་མཛེས་ཕྱོགས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ལོ་ན་༡༨་མ་སོན་པ་རྣམས་སློབ་གྲྭར་འགྲིམ་དགོས་པར་མ་ཟད། ཁོ་ཚོས་གྲྭ་ཆས་ཀྱང་གྱོན་མི་ཆོག་པའི་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཐོན། འདི་ལ་རྒྱུས་ལོན་བྱུང་བ་ལྟར་ན་ད་དུང་མུ་འཐད་དུ་རྒྱ་ནག་གི་བཀའ་རྒྱའི་འོག་གྲྭ་ཆས་གྱོན་མ་བཅུག་པར་སློབ་གསོ་མྱོང་བཞིན་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
གྲྭ་བཙུན་ཚོར་བསམ་བློའི་སློབ་གསོ་བཏང་རྗེས་དགོན་པར་ཕྱིར་སློག
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:15
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
རྒྱ་ནག་གིས་བོད་རྩ་མེད་གཏོང་གི་ཡོད་པ་སུས་འགོག་ཐུབ།
ཕོ་བྲང་པོ་ཏ་ལར་ཉིན་ལྟར་མི་༥༦༠༠་རེ་ལྟ་སྐོར་དུ་གཏོང་རྒྱུ།
XS
SM
MD
LG