ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་དེང་རབས་ཅན་ལ་སྒྱུར་པར་ཕྱིའི་རྣམ་པ་དང་ལག་ལེན་མི་མཚུངས་པའི་འགལ་ཟླ།


རྒྱ་ནག་གཞུང་གིས་བོད་དེང་རབས་ཅན་ལ་སྒྱུར་པར་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་ཡོད་ལུགས་བརྗོད་ཀྱི་ཡོད་ཅིང༌། ལྷ་ས་ལྟ་བུའི་གྲོང་ཁྱེར་ཁག་གི་ཕྱིའི་འཛུགས་སྐྲུན་གྱི་རྣམ་པ་དེ་ཉིད་མིག་མཐོང་ལག་ཟིན་ཡོད་རུང། བོད་མི་དམངས་ལ་རང་གི་ཕ་མེས་ཀྱི་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་ཉམས་ཀྱི་ཡོད་པའི་དངང་ཚབས་ཆེན་པོ་ཞིག་ཡོད་པའི་གནས་སྟངས་དེར་འགྱུར་བ་ཐེབས་ཀྱི་་མེད་པ་སྟེ། བོད་ནང་གི་བོད་པ་ཚོས་རྒྱ་ནག་གཞུང་གིས་འདེམས་བསྐོ་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ལ་པན་ཆེན་རྫུན་མ་བཞེས་འབོད་ཀྱི་ཡོད་པ་མ་ཟད། ཁོང་ལ་བོད་མི་མང་གིས་ཡིད་ཆེས་ཡང་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG