ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁ་ཆེའི་དྲ་རྒྱའི་ནང་ནང་པའི་དགེ་འདུན་པའི་འདྲ་པར་བོད་སྤྱོད་ལོག་པ་བྱས་ཡོད་པ།


བྷར་མའི་ནང་ནང་པ་དང་ཁ་ཆེ་Rohingya དབར་མི་མཐུན་པའི་འགལ་བ་ཇེ་ ཆེར་གྱུར་སྟེ་འཁྲུག་རྩོད་ཤོར་བའི་གནས་ཚུལ་གསར་ལམ་ཁག་གི་ནང་ཐོན་བཞིན་ པ་དང་དུས་མཚུངས་པ་ཀིསི་ཐན་ནང་གི་དྲ་རྒྱ་ཞིག་གིས་ནང་པའི་དགེ་འདུན་ པས་ཕུང་པོ་སྤུངས་པའི་མདུན་སར་ལངས་པའི་འདྲ་པར་ཞིག་བཏོན་པ་དེ་ཁ ཆེ་ ཚོས་ངོ་རྒོལ་གྱི་ལས་འགུལ་ནང་བེད་སྤྱོད་ཡས་ཞིག་ཆགས་ཡོད་འདུག། འོན་ཀྱང་འདྲ་ པར་དེ་དག་ནི་བྷར་མའི་ནང་གི་ནང་པའི་དགེ་འདུན་པ་མིན་པར་་དེ་དག་ནི་དེ་སྔ་ ཕྱི་ལོ་༢༠༡༠ལོར་བོད་ཀྱི་སྒ་སྐྱེ་རྒུ་མདོ་ནང་བསམ་ཡུལ་ལས་འདས་པའི་ས་ཡོམ་ བྱུང་བའི་སྐབས་སུ་བོད་པའི་དགེ་འདུན་པ་རྣམས་ཀྱིས་དང་བླངས་ཀྱིས་ཐོག་ནས་ཕུང་ ཆོས་བྱས་པ་ཐེ་བའི་ཞབས་ཞུ་གནད་དུ་སྨིན་པ་གནང་བའི་སྐབས་ཀྱི་འདྲ་པར་ཡིན་འདུག་པས་་འདིའི་ཐད་བཞུགས་སྒར་རྡ་རམ་ས་ལར་གཏན་གཞི་བྱས་པའི་ དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བཤད་གནང་འདུག་པར་ འདི་ནས་ སྒྲིག་འཛུགས་དེའི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་བཀྲིས་ལགས་སུ་གནས་འདྲི་ཞུས་ཏེ་ པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་གནང་པ་ཞིག་གསན་རོགས་གནང།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG