ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བྷུ་ལུམ་བྷག་སྲིད་འཛིན་འོས་མིའི་ཁོངས་ནས་ཕྱིར་འཐེན།


༄༅།། ཨ་མི་རི་ཀའི་ནེའུ་ཡོཀ་གྲོང་གྱི་སྤྱི་ཁྱབ་ཟུར་པ་འབྱོར་ལྡན་པ་བྷུ་ལུབ་བྷག་ལ་ རེས་གཟའ་མིག་དམར་ཉིན་གྱི་འོས་བསྡུ་ཆེན་མོ་སྟེ། ཨ་རིའི་མངའ་སྡེ་༡༤་ལ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོ་འོས་འདེམས་སྐབས་སུ་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན། ཁོང་གཟའ་ལྷག་པའི་ཉིན་སྲིད་འཛིན་འོས་མི་འདེམས་སྒྲུག་གི་འགྲན་སྡུར་ཁོངས་ནས་ཕྱིར་འཐེན་གྱིས་གཟའ་མིག་དམར་གྱི་འོས་འདེམས་དུས་སུ་རྒྱལ་ཁ་ཆེ་ཤོས་ཐོབ་མཁན་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG