ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བཞུགས་སྒར་དུ་དབུ་མའི་ལམ་གྱི་ཉིན་མོར་སྲུང་བརྩི།


དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་བཞུགས་སྒར་དུ་དབུ་མའི་ལམ་གྱི་ཉིན་མོ་ཞེས་པ་སྲུང་བརྩི་ཞུས་ཡོད་པ་དང་ སྤྱི་ལོ་༡༩༩༧ལོའི་ཕྱི་ཟླ་དགུ་པའི་ཚེས་༡༨ཉིན་མོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལང་ཕྱོགས་དབུ་མའི་ལམ་ལ་གཏན་འཁེལ་གནང་རྒྱུར་སྤྱི་འཐུས་རྣམས་དུ་སྤྱི་མོས་བྱུང་བའི་རྗེས་སུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་༢༠༡༠ལོ་ནས་བཟུང་ལོ་ལྟར་ཉིན་མོ་དེར་སྲུང་བརྩི་ཞུ་གི་ཡོད་པ་བཞིན་ དབུ་མའི་ལམ་མི་མང་ལས་འགུལ་ཚོགས་པའི་ཚོགས་གཞོན་གྱིས་ཉིན་མོ་དེ་ལ་དྲན་གསོའི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ནི་བོད་དོན་དཀའ་རྙོག་སེལ་ཆེད་དུ་བོད་པ་ཚོས་གཉིས་ཕན་གྱི་ལམ་ཞིག་གི་ཐོག་བསྐྱོད་བཞིན་པ་དེ་རྒྱ་ནག་ཚུད་པའི་འཛམ་གླིང་མི་མང་ལ་འགྲེལ་བརྗོད་བྱ་རྒྱུའི་ཆེད་དུ་ཡིིན་ཞེས་གསུང་པ་སོགས་ཀྱི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG