ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་ལ་ལིང་གྷ་ཨིན་དྲྭ་རྒྱ་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་མིན་པ།


ཨ་མི་རི་ཀའི་མེཀ་རོ་སོབ་ཊི་རིག་མཛོད་འཕྲུལ་རིག་བཟོ་ཚོང་ཁང་གི་ལིང་གྷ་ཨིན་ཞེས་པའི་དྲྭ་རྒྱ་དེ་རྒྱ་ནག་གི་སྤྱི་ཚོགས་སུ་མི་མང་པོས་རང་རང་གི་ལས་ཀའི་འབྲེལ་བ་དང་མདུན་ལམ་སོགས་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅིང་། ཨ་རིའི་གསར་འགོད་པ་ཁ་ཤས་ཀྱིས་མེཀ་རོ་སོབ་ཊི་བཟོ་ཚོང་ཁང་གིས་རྒྱ་ནག་གི་དབང་འཛིན་པ་ཚོས་མི་དམངས་ལ་ཞིབ་བཤེར་དང་སྟངས་འཛིན་བྱེད་ཐུབ་པའི་དྲྭ་རྒྱ་དེ་བཀོལ་སྤྱོད་བྱེད་དུ་འཇུག་གི་འདུག་ཅེས་སྐྱོན་བརྗོད་བྱས་འདུག ད་ལྟ་མེཀ་རོ་སོབ་ཊི་བཟོ་ཚོང་ཁང་གིས་རྒྱ་ནག་ལ་ལིང་གྷ་ཨིན་དྲྭ་རྒྱ་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་མིན་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG