ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་གང་དེའི་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་འདོན་སྤེལ་བྱེད་འཆར་འདུག


ཨ་རིའི་སྙན་གྲགས་ཅན་གྱི་ཁོ་ལོམ་བྷས་ཨ་གཙུག་ལག་སློབ་ཆེན་གྱི་པར་སྐྲུན་ཁང་གིས། ལོ་འདིའི་སྟོན་ཁར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་། བཀའ་ཟུར་འདས་པོ་དམ་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་དབྱིན་ཡིག་གི་དཔེ་དེབ་ཞིག་འདོན་སྤེལ་གནང་འཆར་ཡོད་པའི་སྐོར་གྱི་གནས་ཚུལ་རིག་འཛིན་གྱིས་སྙན་སྒྲོན་ཞུས་ཡོད་པར་གསན་རོགས།


XS
SM
MD
LG