ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

མའོ་ཡིས་བཟོས་པའི་ཚབས་ཆེའི་མུ་གེ


རྒྱ་ནག་གི་འགོ་ཁྲིད་འདས་པོ་མའོ་རྩེ་ཏུང་གིས་གདུག་རྩུབ་ཤིན་ཏུ་ཆེ་བའི་ལས་འགུལ་འདྲ་མིན་མང་པོ་ཞིག་སྤེལ་ཏེ་ རྒྱ་ཆེའི་མང་ཚོགས་ལ་དཀའ་སྡུག་ཚད་མེད་བཟོས་པའི་གནས་ཚུལ་བྱུང་ཡོད་ཅིང་ ཧོང་ཀོང་གི་དགེ་རྒན་ཆེ་མོ་ཞིག་གིས་མའོ་རྩེ་ཏུང་སྐབས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ ཉེ་དུས་དེབ་ཅིག་བཏོན་ཡོད་པ་དེའི་ནང་ མའོ་རྩེ་ཏུང་གིས་སྤེལ་བའི་མདུན་མཆོང་ཆེ་མཽ་ཟེར་བའི་ལས་འགུལ་གྱི་འོག་ཏུུ་ རྒྱ་ནག་གི་ནང་མི་ས་ཡ་༤༥ཙམ་ཞིག་བཙན་གནོན་དང་ལྟོག་རིད་ཀྱིས་འཆི་སྐྱོན་བྱུང་ཡོད་ལུགས་འཁོད་ཡོད་པ་རེད་ འདིའི་སྐོར་རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG