ངོ་འཕྲད་བདེ་བའི་དྲ་འབྲེལ།

སེང་འབྲུག་སྟག་རྩེ་སློབ་གྲྭའི་བོད་ཕྲུག་ཚོ་སློབ་གྲྭ་གཞན་ལ་གཏོང་རྒྱུ།


༄༅།། རྒྱ་ནག་གཞུང་གིས་བོད་པའི་སྒེར་གཉེར་སློབ་གྲྭ་སེང་འབྲུག་སྟག་རྩེ་བཙན་གྱིས་སྒོ་བརྒྱབ་པ་དང་སློབ་གྲྭའི་དགེ་རྒན་རིན་ཆེན་རྗེ་འཛིན་བཟུང་བྱས་ཤིང་། ད་ལྟ་སེང་འབྲུག་སྟག་རྩེ་སློབ་གྲྭའི་སློབ་ཕྲུག་རྣམས་སློབ་གྲྭ་གཞན་པ་འགྲིམ་དགོས་པའི་ཐོ་འགོད་བྱེད་དུ་འཇུག་གི་ཡོད་པར་མ་ཟད། བོད་པའི་སློབ་གྲྭ་དེ་ཉམས་ཆག་དང་བཀག་རྒྱའི་འོག་ཏུ་འཐོར་ཞིག་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་བོད་གནས་ལྟ་ཞིབ་ཁང་གིས་སྙན་ཐོ་བཏོན་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG