ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ ཀེ་རི་དང་ཡོ་རོབ་ཀྱི་མཐུན་ཕྱོགས་རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་རྣམས་ཨོས་ཀྲེ་ཡའི་རྒྱལ་ས་ཝི་ཡ་ནར་ལྷན་འཛོམས་གནང་ནས་ཨི་རན་གྱི་རྡུལ་ཕྲན་ལས་འཆར་འཚམས་འཇོག་བྱ་རྒྱུར་ཆག་ཡང་གཏོང་དགོས་གང་འདུག་བཀའ་བསྡུར་གནང་འདུག་པའི་སྐོར། འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཨལ་ པ་སན་གྱིས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།