བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༦ པ་ལེགས་པར་མཇུག་བསྒྲིལ།
ཞོ་སྟོན་རྒྱས་པ་ཐེངས་༢༦ པ་དེ་ཕྱི་ཟླ་གསུམ་པའི་ཚེས་༡༩ ནས་༢༩ བར་ལྷ་མོའི་ཚོགས་པ་ཁག་༡༡ ནས་ཉིན་གྲངས་༡༡ རིང་འཁྲབ་སྟོན་ཞུས་ཏེ་ཕྱི་ཚེས་༢༩ ཉིན་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་དཀོན་མཆོག་དཔག་བསམ་མཆོག་དབུ་བཞུགས་ཀྱིས་མཇུག་སྒྲིལ་གནང་ཡོད་པ་དང་། ལོ་རྗེས་མའི་ཞོ་སྟོན་ཐེངས་༢༧ པ་བཞུགས་སྒར་རྡ་རམ་ས་ལར་ཚོགས་གཏན་འཁེལ་འདུག