ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༨/༡༨

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་གློག་བརྙན་འཁྲབ་སྟོན་པ་རི་ཆ་ཊ་གེར་ཐེ་ལྦན་ནང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་མགྲོན་འབོད་ཞུས་ཡོད་པ།


བོད་དོན་རྒྱབ་སྐྱོར་བ་ཐེ་ལྦན་གྱི་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པོ་ལོ་སེ་དང་སྐུ་ཞབས་རི་ཆ་ཊ་གེར་ཐེ་ལྦན་ནང་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་མགྲོན་འབོད་ཞུས་ཡོད་པ་དེ་ནི་རྒྱ་ནག་ལ་བརྡ་ལེན་ནན་པོ་ཞིག་བཏང་བ་རེད་ཅེས་ཐེ་ཝན་ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་ངོས་འཛིན་གནང་གི་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད་།

XS
SM
MD
LG