ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དཀོན་མཆོག་ཚེ་བརྟན་འདས་གྲོངས།


ཕྱི་ཟླ་༡༢་ཚེས་༣་ཉིན་བོད་མདོ་སྨད་རྔ་བ་ས་ཁུལ། དམེ་རུ་མའི་ཞང་ཐོག་ཏུ་སྐྱེས་ཡུལ་མདོ་སྨད་རྨ་ཆུ་རྫོང་། ཆུ་ཁ་མ་ནས་ཡིན་པའི་རང་ལོ་༣༠་ཐམ་པར་སོན་པའི་དཀོན་མཆོག་ཚེ་བརྟན་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་དམག་མི་ཡོང་ནས་དཀོན་མཆོག་ཚེ་བརྟན་འབར་ཁམས་སྨན་ཁང་ལ་བཙན་འཁྱེར་བྱས་ནས་འཆི་གསོན་ཅི་ཡིན་ཤེས་རྟོགས་མི་ཐུབ་ཀྱང་དེ་རིང་ཕྱི་ཚེས་༥་ཉིན་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གཞུང་གི་འབྲེལ་ཡོད་ཉེན་རྟོག་པ་ཚོས་ཁོང་གི་བཟའ་མི་ཚོར་རུས་ཐལ་ཞིོག་སྤྲད་ནས་དཀོན་མཆོག་ཚེ་བརྟན་འདས་གྲོངས་སུ་གྱུར་པ་རེད་ཅེས་བརྗོད་འདུག་པའི་སྐོར། ཚེ་རིང་སྐྱིད་ཀྱིས་བཅར་འདྲི་ཞུས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG