བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དཱགས་ལ་ཉིན་མང་གི་རིང་བཀའ་ཆོས་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་བསྐྱངས་ཏེ། གཟའ་པ་སངས་དགོང་མོར་ལ་དྭགས་ཀྱི་ནང་པ་དང་དགོན་སྡེ་ཁག་གིས་༧གོང་ས་མཆོག་ལ་ཐུགས་རྗེའི་བཀའ་དྲིན་ལེགས་གསོལ་ཀྱི་གསོལ་སྟོན་ཆེན་པོ་ཞིག་རྒྱས་གཤོམ་ཞུས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།