ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༢ ཚེས་༢༣


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་རྟེན་གཙོར་མཆོད་མཇལ་དང་། སྲིད་འཛིན་ཛེ་ལེན་སི་ཀེས་ཨ་རིར་འཚམས་གཟིགས། ཡུག་ཀེ་རན་གྱིས་གཡུལ་ས་གསར་པར་གྲ་སྒྲིག ཨ་རིའི་ནང་གི་རྒྱ་རིགས་སློབ་ཕྲུག་གི་གནས་སྟངས་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་སྡེ་དགེ་སྐད་ཀྱི་ཚིག་མཛོད་དང་། སློབ་དཔོན་ཆེན་མོ་དབྱངས་དགའ་རྗེས་སུ་དྲན་པ། བོད་པའི་བུ་མོ་ལྔ་རྩད་གཅོད་ཀྱི་རྩོམ་ཡིག རྒན་རྒྱལ་ལོ་ལགས་ལ་སྲིད་པའི་དཔྱོད་མིག་གི་རྩོམ་བརྡ་སྐོར་བཀའ་འདྲི་ཞུས་པ་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་པ་ངག་དབང་སངས་སྒྲོན་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསོ་རིག་སློབ་དཔོན་དམ་པ་དབྱངས་དགའི་མཛད་རྗེས་ཐད། སློབ་དཔོན་དམ་པ་དབྱངས་དགའི་གྲོགས་པོ་ནག་ཤོད་ལྷ་བུ་དང་། ཨ་རིའི་ཝི་སི་ཀོན་སིན་སློབ་ཆེན་གྱི་བོད་ལུགས་སྨན་པ་གཡང་འབུམ་རྒྱལ་ལགས་གཉིས་དང་བགྲོ་གླེང་བྱས་ཡོད།།

XS
SM
MD
LG