ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལྷོ་བྱང་ཀོ་རི་ཡའི་མཉམ་འབྲེལ་ཁེ་ལས་ས་ཁུལ།


ལོ་ཤས་གོང་དུ་ལྷོ་ཀོ་རི་ཡས་མ་རྩ་བཙུགས་པ་དང་བྱང་ཀོ་རི་ཡའི་བཟོ་བ་བཏང་ནས་ཕྱོགས་གཉིས་ཀྱི་ས་མཚམས་སུ་བཟོ་གྲྭ་ཆེན་པོ་ཞིག་བརྒྱབ་སྟེ། ལྷོ་བྱང་ཀོ་རི་ཡས་མཉམ་འབྲེལ་ཁེ་ལས་ཤིག་གཉེར་འཛིན་བྱེད་ཀྱི་ཡོད་ཅིང་། ལྷོ་ཀོ་རི་ཡའི་བཟོ་གྲྭ་འཛིན་སྐྱོང་པ་དང་ལས་དཔོན་ཚོ་ཉིན་ལྟར་ས་མཚམས་བརྒལ་ནས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཀྱི་བྱང་ཀོ་རི་ཡའི་ས་ཐོག་ཏུ་བཙུགས་ཡོད་པའི་བཟོ་གྲྭ་དེར་ལས་ཀར་སྐྱོད་ཀྱི་ཡོད་ཀྱང། དེ་རིང་གཟའ་ལྷག་པ་ནས་བྱང་ཀོ་རི་ཡས་ས་མཚམས་བཀག་ནས་ལྷོ་ཀོ་རི་ཡ་ནས་བཟོ་གྲྭ་འཛིན་སྐྱོང་པ་དང་ལས་དཔོན་ཚོ་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཡོང་མི་ཆོག་པ་མ་ཟད། བཟོ་གྲྭ་དེར་ཞག་སྡོད་བྱས་ཡོད་པའི་ལྷོ་ཀོ་རི་ཡའི་འཛིན་སྐྱོང་པ་དང་ལས་དཔོན་ཚོ་ཡང་འཕྲལ་དུ་རང་ཡུལ་ལ་ཕྱིར་སློག་བྱེད་དགོས་ཞེས་བཀའ་བཏང་སྟེ། ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཀྱི་མཉམ་འབྲེལ་ཁེ་ལས་ཁང་སྒོ་བརྒྱབ་པ་དང་། ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། མཉམ་འབྲེལ་ཁེ་ལས་དེ་སྒོ་བརྒྱབ་པ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། ད་དུང་བཟོ་གྲྭ་དེར་ལྷག་ཡོད་པའི་ལྷོ་ཀོ་རི་ཡའི་ལས་མི་ཚོར་བཟའ་བཏུང་དང་འཚོ་བའི་མཐུན་རྐྱེན་སྐྱེལ་འདྲེན་བྱེད་རྒྱུ་དཀའ་ངལ་ཞིག་ལ་འགྱུར་རྒྱུ་སྲིད། ལྷོ་བྱང་ཀོ་རི་ཡའི་མཉམ་འབྲེལ་ཁེ་ལས་ཁང་དེར་ལྷོ་ཀོ་རི་ཡའི་བཟོ་གྲྭ་འཛིན་པ་དང་ལས་དཔོན་མི་༨༠༠་ཙམ་ཡོད་པ་དང་། མི་༥༠་ཡས་མས་ཤིག་ལྷོ་ཀོ་རི་ཡར་ཕྱིར་ལོག་ཚར་ཡོད་ཀྱང་མི་༧༥༠་ཙམ་ས་མཚམས་ཀྱི་བཟོ་གྲྭ་དེར་ལྷག་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG