ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་གི་ཛ་དྲག


ཉེ་ཆར་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་སྔོན་ཆད་བྱུང་མྱོང་མེད་པའི་གཏོར་རྒོལ་བྱ་རྒྱུའི་ཉེན་བརྡ་བཏང་ནས་བཟུང་། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་ཡོད་པའི་རྙིང་ཞེན་ཅན་གྱི་གསར་འགྱུར་ལས་ཁང་དགུའི་དབུས་སྤྱི་ཁྱབ་ཁང་ཁག་ལ་ཉེན་རྟོག་པས་སྐོར་གཡེང་བྱེད་རྒྱུ་མང་དུ་བཏང་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གིས་ང་ཚོར་བྱང་ཀོ་རི་ཡས་རྒོལ་རྡུང་བྱ་རྒྱུའི་ཉེན་ཀ་ཡོད། ཁོ་ཚོས་དུས་ཡུན་སྐར་མ་འགའ་ཞིག་གི་ནང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ཛ་དྲག་ལས་ཁུངས་དང་ཏུང་ཨ་ཉིན་རེའི་ཚོགས་པར་བཅས་གསར་འགྱུར་ལས་ཁང་ཆེ་ཁག་འགའ་ཞིག་ཐལ་བའི་རྡུལ་དུ་བརླག་རྒྱུའི་སྡིགས་ར་བསྐུལ་ཡོད་པས། ང་ཚོས་བྱང་ཀོ་རི་ཡའི་ཉེན་བརྡ་དེ་གནད་འགག་ཅན་ཞིག་ལ་རྩི་བཞིན་ཡོད་ཅེས་བཤད་པ་དང་། ལྷོ་ཀོ་རི་ཡའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཆོ་བིའུང་ཇེ་ཡིས་བྱང་ཀོ་རི་ཡས་ཉེན་བརྡ་དེ་ཧ་ཅང་ཉེན་ཚབས་ཅན་དང་གདུམ་སྤྱོད་ཅིག་རེད་ཅེས་བཤད་ཡོད།

XS
SM
MD
LG