ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

སྲིད་སྐྱོང་དབུ་བཞུཊ་ཐོག་ཀོ་ལི་གྷལ་གཞིས་ཆཊ་ཚུཊ་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི།


སྤྱི་ཟླ་༢ པའི་ཚེས་༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཚུགས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཀོ་ལི་གྷལ་གཞིས་ཆགས་མི་མང་ཚོགས་ཁང་ནང་ཚོགས་ཡོད་པ།
སྤྱི་ཟླ་༢ པའི་ཚེས་༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཚུགས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཀོ་ལི་གྷལ་གཞིས་ཆགས་མི་མང་ཚོགས་ཁང་ནང་ཚོགས་ཡོད་པ།

སྤྱི་ཟླ་༢ པའི་ཚེས་༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཚུགས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཀོ་ལི་གྷལ་གཞིས་ཆགས་མི་མང་ཚོགས་ཁང་ནང་ཚོགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཕྱི་ནང་སྐུ་མགྲོན་མང་ཚོགས་བཅས་བརྒྱ་ཕྲག་ཁ་ཤས་ཕེབས་འདུག

མཛད་སྒོའི་ཐོག་ཀོ་ལི་གྷལ་གཞིས་ཆགས་ཀྱི་གཞིས་འགོ་དགེ་ལེགས་འབྱུང་གནས་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྔ་བཅུའི་དུས་དྲན་དེའི་ཐོག་བསྩལ་གནང་བའི་དམིགས་བསལ་གསུང་འཕྲིན་དེ་སྒྲོག་སྦྱངས་གནང་སོང་། གསུང་འཕྲིན་དེའི་ནང་འཁོད་དོན་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཚུགས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པར་གཞིས་མི་ཡོངས་དང་ཕྱི་ནང་གི་སྐུ་མགྲོན་བཅས་པར་མཛའ་བརྩེའི་འཚམས་འདྲི་ཡོད། རང་ཅག་བཙན་བྱོལ་དུ་འབྱོར་རྗེས་གཞིས་ཆགས་ཟུར་འཛུགས་དགོས་པའི་དམིགས་དོན་ནི་མི་འབོར་ཆེ་ཞིང་ས་རྒྱ་ཆེ་བའི་རྒྱ་གར་ཡུལ་གྲུ་ཁག་ནང་རིམ་གྱིས་སིམ་སྟེ་ཁ་ཐོར་དུ་མི་འགྲོ་བ་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་བཅས་པ་མི་ཉམས་རྒྱུན་འཛིན། ངེས་གཏན་མེད་པའི་འཚོ་བའི་དཀའ་ངལ་སེལ་ཐབས་བཅས་ཀྱི་ཆེད་དུ་ཡིན་པ་ལྟར་ཕྱོགས་ཚང་མ་ནས་ངལ་བ་ཁུར་དང་ལེན་འཕྱར་གྲུ་མཉམ་འདེགས་བྱས་པའི་འབྲས་བུ་རང་རེའི་མིག་གི་སྤྱོད་ཡུལ་དུ་གྱུར་བ་འདི་ཡིན།

སླད་གཞིས་ཆགས་ནང་རྒན་རྒོན་ནད་གཅོང་ཉམ་ཐག་ཧྲེང་པོ་ཡོད་རིགས་ཀྱི་འཚོ་བའི་གནས་སྟངས་ཐོག་དམིགས་བསལ་དོ་སྣང་ལྟ་རྟོག་རོགས་རམ་དང་འབྲེལ། ནང་དོན་རིག་པ་དང་སེམས་ཀྱི་འཕྲོད་བསྟེན་དང་གསོ་བ་རིག་པ་ལུས་ཀྱི་འཕྲོད་བསྟེན་ཡིན་ལུགས་བཤད་སྲོལ་ཡོད་པ་ལྟར་རྒན་རྒོན་དེ་དག་གི་ཟས་སྤྱོད་འཕྲོད་བསྟེན་ཐོག་ལའང་ལྟ་ཞིབ་མི་ལྷོད་པ་དགོས་གལ། ཞེས་དང་ཡང་གསུང་འཕྲིན་དེའི་ནང་༧གོང་ས་མཆོག་ནས་ཐུགས་ཕམ་དང་སྦྲགས་ནས་དམིགས་བསལ་དུ་བཀའ་ནན་པོ་སྩལ་དོན་ནང་།

བོད་གཞིས་ལུས་མི་མང་རྣམས་གཞན་དབང་འོག་ཏུ་ཚུད་ཡོད་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆོལ་གསུམ་ཁ་བྲལ་གཏོང་ཐུབ་མེད། འོན་ཀྱང་འདི་ཕྱོགས་རང་རེ་བཙན་བྱོལ་ནང་སྤྱི་སེམས་ཀྱིས་ཕོངས་པའི་ཅོལ་ཆུང་ཁག་ཅིག་གིས་ཕྱོགས་རིས་འཐེན་འཁྱེར་གྱི་བྱ་བ་སྤེལ་བ་ནི་ཞབས་འདྲེན་བློ་ཕམ་གྱི་གནས་ཡིན་པས་སེར་སྐྱ་འགོ་མང་ཚང་མས་ཅིང་ཀྱང་ཡིད་གཟབ་དགོས་གལ་བློ་འཇགས་གྱིས། རྗེས་འཛིན་སྨོན་ལམ་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ཟླ་༡༢ ཚེས་༢༧ ཕྱི་ལོ་༢༠༢༤ ཟླ་༢ ཚེས་༧ ལ་ཞེས་འཁོད་གནང་འདུག

གཞན་ཡང་ཁོང་གིས་གཞིས་ཆགས་དེའི་འཕེལ་རིམ་དང་ཡར་རྒྱས་ལོ་རྒྱུས་སྐོར་ངོ་སྤྲོད་གནང་སོང་བ་དང་སྦྲགས་ཐེངས་འདིའི་ལྔ་བཅུའི་དུས་དྲན་སྲུང་བརྩི་བྱེད་སྒོ་སྤེལ་ཐུབ་པ་དེ་ནི་ཀོ་ལི་གྷལ་གྱི་ས་གནས་གཞིས་འགོ་རིམ་པ་དེ་དག་གི་བཀའ་དྲིན་དང་མཐུན་གྱུར་གནང་མཁན་ཡོངས་ཀྱི་བཀའ་དྲིན་འོག་བྱུང་བ་གསུངས་པ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་གནང་སོང་།

གཞན་ཡང་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལྔ་བཅུའི་དུས་དྲན་དང་འབྲེལ་གསུང་བཤད་གནང་དོན་ནང་བཀའ་ཤག་སྐབས་བཅུ་དྲུག་པ་དང་འབྲེལ་ཡོད་ཚོས་འབད་བརྩོན་བྱས་པའི་འོག་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་མཇུག་སྐྱོང་བྱ་རྒྱུའི་ལས་དོན་ད་དུང་ལྷག་ཡོད་པ་སོགས་ཞིབ་ཕྲ་ངོ་སྤྲོད་གནང་སོང་།

ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཀོ་ལི་གྷལ་དོན་ལྡན་གླིང་གི་ས་གནས་གཞིས་འགོ་ཟུར་པ་རྣམས་དང་ད་ལྟའི་ས་གནས་གཞིས་འགོ་བཅས་དང་གཞིས་ཆགས་ནང་ལོ་ངོ་ ༢༠ ཡན་ཞབས་ཞུ་བསྒྲུབས་གནང་མཁན་ཡོངས་དང་དེ་བཞིན་གཞིས་ཆགས་དེའི་ནང་མཐུན་གྱུར་རོགས་རམ་གནང་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་ཕུལ་བ་དང་ཡང་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་ཨ་རིའི་ནིའུ་ཡོག་དང་ནེའུ་ཇར་སིའི་ནང་གནས་སྡོད་ཀོ་ལི་གྷལ་གཞིས་ཆགས་ཀྱི་གཞིས་མི་ཟུར་པ་རྣམས་དང་གཞིས་ཆགས་ཀྱི་ཚོགས་ཁང་གསར་རྒྱག་གི་ས་ཆ་གནང་མཁན་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་གནང་སོང་། གཞན་ཡང་གཞིས་ཆགས་ཀྱི་གཞིས་མི་དང་སྐུ་མགྲོན་ཁག་ཅིག་ལ་ལོ་ངོ་ལྔ་བཅུའི་ཡར་རྒྱས་དང་གྲུབ་འབྲས་སྐོར་ལ་གཟིགས་ཚུལ་བཅར་འདྲི་ཞུས་ཡོད།

སྤྱིར་ཀོ་ལི་གྷལ་གཞིས་ཆགས་ནི་རྒྱ་གར་འཕགས་ཡུལ་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་ཅམ་རཱཇ་ནཱ་གར་རྫོང་འོག་ཧ་ནུར་ཏཱ་སིལ་ཁོངས་སུ་ཡོད་པ་དང་ཐོག་མར་བཙན་བྱོལ་བོད་མི་གྲངས་༣༤༠༠ ཙམ་གྱི་དཀའ་ངལ་སེལ་ཆེད་ཕྱི་ལོ་༡༩༧༤ཟླ་༤ ཚེས་༢༧ ཉིན་གསར་འཛུགས་གནང་ཞིང་གཞིས་ཆགས་དེ་ནི་རྒྱ་མཚོའི་ངོས་ནས་ཕི་ཀྲི་༢༣༤༢ ཐོག་ཆགས་ཡོད་པ་དང་། གཞིས་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་རྒྱ་གར་གཞུང་ནས་ས་ཞིང་ཨེ་ཀར་གྲངས་༣༡༢༡༡༤ གནང་ཡོད། གཞིས་ཆགས་དེའི་ས་གནས་འགོ་འཛིན་ཐོག་མ་ཨ་ནག་རྡོ་རྗེ་རྣམ་རྒྱལ་ནས་ད་ལྟའི་གཞིས་འགོ་དགེ་ལེགས་འབྱུང་གནས་བར་གཞིས་འགོ་རིམ་པ་༡༧ བྱུང་ཡོད་པ་དང་གྲོང་སྡེ་༢༢ དང་མི་འབོར་༣༡༠༣ ཡོད་པར་མ་ཟད་༡༩༨༠ ནས་༢༠༠༩ བར་༧གོང་ས་མཆོག་ཐེངས་བདུན་ཆིབས་སྒྱུར་བསྐྱངས་འདུག། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཡིན།

གླེང་སྟེགས།

XS
SM
MD
LG