ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་འགོ་ཁྲིད་ཚོའི་གྲོས་མོལ།


གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཇོན་ཁེ་རས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་ཏེ། ཁོང་གིས་བྱང་ཀོ་རི་ཡ་སླར་ཡང་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་ལ་མཉམ་ཞུགས་བྱེད་པར་རྒྱ་ནག་གིས་གནོན་ཤུགས་སྤྲོད་དགོས་པ་དང་། རྒྱ་ནག་དང་ཉི་ཧོང་། རྒྱ་ནག་དང་ཧྥི་ལི་ཕིན་སོགས་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཡོད་པ་ཞི་འཇམ་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་། རྒྱ་ནག་གཞུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འབོད་སྐུལ་དེར་མཐུན་སྦྱོར་རོགས་རམ་བྱ་འཆར་ཡོད་མེད་ངེས་བརྟན་མེད་ཅིང་། དུས་ཡུན་ཆུ་ཚོད་༢༤་རིང་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། རྒྱ་ནག་གི་སྲིད་བློན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བཅས་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་བྱས་ཏེ། ཁོང་གིས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ཀྱི་ཡོད་པ་འགོག་ཐབས་དང་སི་རི་ཡའི་ནང་འཁྲུག ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་སྐོར་བཅས་གནད་དོན་གལ་ཆེན་ཁག་ཅིག་ལ་གྲོས་མོལ་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG