ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨུ་རུ་སུའི་དམག་ཕྱིན་འཐེན་དགོས་པའི་ནན་བརྗོད།


ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རི་དང་ཨུ་རུ་སུའི་ཕྱི་སྲིད་དྲུང་ཆེ་ལཱ་བ་རོབ་གཉིས་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་ལྷན་འཛོམས་བྱས་ཏེ། ཁོ་ཚོས་དུས་ཡུན་ཆུ་ཚོད་བཞིའི་རིང་དུ་ཡུཀ་རེན་གྱི་གནད་དོན་ལ་གྲོས་མོལ་བྱས་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཡུཀ་རེན་གྱི་གནད་དོན་ལ་གྲོས་མོལ་གྲུབ་འབྲས་ལྡན་པ་ཞིག་འཐོན་དགོས་ཚེ། ད་ལྟ་ཡུཀ་རེན་གྱི་ས་མཚམས་ཁག་ཏུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་རྣམས་ངེས་པར་དུ་ཕྱིར་འཐེན་བྱ་དགོས་པ་དང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མི་དམངས་ལ་འཇིགས་སྐུལ་དང་སྡིགས་ར་སྐུལ་བཞིན་ཡོད་པས། ང་ཚོར་ཡུཀ་རེན་གྱི་གནད་དོན་ལ་གྲོས་མོལ་བྱེད་པར་བཟང་ཕྱོགས་ཀྱི་ཁོར་ཡུག་ཅིག་སྐྲུན་གྱི་མེད་པ་དང་། ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ས་མཚམས་ཁག་ནས་ཕྱིར་འཐེན་བྱེད་ཀྱི་མེད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཡུཀ་རེན་གྱི་མི་དམངས་བཅས་ལ་བརྡ་ལན་བཟང་པོ་ཞིག་གཏོང་གི་མེད་ཅེས་བཤད་ཡོད་པ་རེད།།
XS
SM
MD
LG