ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བཀའ་ཁྲི་མཆོག་གིས་ཝ་ཤིང་ཀྲན་ནང་མཛད་འཆར་རྒྱ་ཆེ་སྐྱོང་བཞིན་པ།


དབུས་བོད་མིའི་སྒྲོག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་ལགས་ཉིན་གྲངས་ལྔའི་རིང་བོད་དོན་མཇལ་མོལ་གནང་རྒྱུ་སོགས་ཀྱི་ཆེད་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲན་ནང་ཕེབས་འབྱོར་ཟིན་པ་ལྟར་ ཁ་ས་གཟའ་མིག་དམར་ཉིན་ཁོང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་ གསར་འགོད་པ་དང་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་གྲོས་མོལ་གནང་འདུག་པ་མ་ཟད་ཨ་རིའི་རྒྱལ་སྲིང་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་གནད་ཡོད་ཚོགས་མི་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་ད་རིང་གཟའ་ལྷག་པའི་ཉིན་ལའང་གྲོས་ཚོགས་གོང་འོག་གི་གནད་ཡོད་འཐུས་མི་དང་གྲགས་ཆེ་བའི་གསར་འགོད་ཀྱི་རྩོམ་བྲིས་པ་སོགས་དང་མཇལ་འཕྲད་གནང་སྟེ་བོད་དང་བོད་མིའི་གནད་དོན་ཐད་གྲོས་བསྡུར་སྦྱང་བཤད་གནང་གི་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གིས་བཀའ་ཁྲི་ལྷན་ཆེད་བཅར་གནང་བ་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ལ་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་གནང་པའི་གནས་ཚུལ་དེ་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG