ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་བློན་ཆེན་གཉིས་རྩོད་གླེང་ཅན་གྱི་ཡ་སུ་ཁུ་ཎི་ལྷ་ཁང་ལ་མཆོད་མཇལ་དུ་ཕེབས་པ་དང་། ལྷ་ཁང་དེ་ཉི་ཧོང་གི་དམག་འཁྲུག་ནང་དུ་འདས་གྲོངས་སུ་གྱུར་པའི་དམག་མི་འདས་པོ་ཚོར་རྗེས་དྲན་དང་མཆོད་འབུལ་བྱེད་ཡུལ་ཞིག་ཡིན་པ་མ་ཟད། ཁོང་ཚོའི་གྲས་སུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་དམག་འཁྲུག་གི་ཉེས་ཅན་པ་༡༤་ཡི་མིང་བྱང་ཡང་ཡོད་པས་རྒྱ་ནག་དང་ལྷོ་ཀོ་རི་ཡ། གཞན་ཡང་དེ་མིན་གྱི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་སི་ཊིབ་ཧར་མན་ གྱིས་ཨེ་ཤི་བྱང་ཤར་གསར་འགོད་ལས་ཁུངས་ཀྱི་ལྟེ་གནས་ལྷོ་ཀོ་རིའི་རྒྱལ་ས་སོལ་ནས་སྤེལ་བའི་གནས་ཚུལ་ཞིག་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG