ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས།


ཐེ་ཝན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ།
ཐེ་ཝན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ།

༄༅།། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཕྱི་ཚེས་༣་ཉིན་ཐེ་ཝན་དུ་བཅའ་སྡོད་ཡུརོབ་མཉམ་འབྲེལ་གྱི་ཚོང་དོན་ལྷན་ཚོགས་ཀྱི་གཙོ་འཛིན་ལ་མཇལ་འཕྲད་གནང་སྟེ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་སྤྱིའི་མཁའ་ལམ་ྒྲིག་འཛུགས་སོགས་ནི་འཛམ་གླིང་འདིར་རིམས་ནད་སྔོན་འགོག་བྱེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་ཆེའི་ལས་ཁུངས་ཁག་ཡིན་མོད། འོན་ཀྱང་ཆབ་སྲིད་ཀྱི་རྐྱེན་ས་ཐེ་ཝན་སྔར་བཞིན་རིམས་ནད་རིམ་སྔོན་འགོག་བྱེད་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་འཇུག་གི་མི་འདུག་ཅེས་བཤད་པ་དང་ ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་དེར་རྒྱབ་སྐྱོར་གནང་ཡོད་པའི་སྐོའདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG