ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཉི་ཧོང་གིས་རྒྱ་ནག་ལ་ཕྱོགས་གཉིས་ཀྱི་ཆེས་མཐོ་འགོ་ཁྲིད་ཐུག་འཕྲད་དགོས་པའི་འབོད་སྐུལ།


གཟའ་ཟླ་བའི་ཉིན་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེས་ལོ་འདིའི་ཕྱི་ཟླ་༡༡་པར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་རྒྱུ་ཡིན་པས། སྐབས་དེར་ཉི་ཧོང་དང་རྒྱ་ནག་གི་ཆེས་མཐོ་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་བྱ་དགོས་པའི་འདུན་པ་བཏོན་རུང་། རྒྱ་ནག་ཕྱོགས་ནས་ཉི་ཧོང་གི་འདུན་པ་དེར་ངོས་ལེན་ཡོད་པའི་རྣམ་པ་བསྟེན་མེད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG