ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༥/༡༧

ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་གླིང་ཚོམ་རྩོད་གཞི།


ཉི་ཧོང་སྐད་ལ་སན་ཁ་ཁུ་དང་རྒྱ་སྐད་ལ་ཏིའོ་ཡུའི་ཏའོ་ཟེར་པའི་གླིང་ཕྲན་ཚོམ་དེ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་གཞི་ཆེན་པོ་ཞིག་ལ་གྱུར་ཡོད་ཅིང་། ཉེ་བའི་ལོ་ཤས་ཤིག་ནས་གླིང་ཕྲན་་དེ་དག་གི་བདག་དབང་བརྩད་ནས་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་སྡུག་ཏུ་སོང་སྟེ། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཨོ་ཎོ་དྷེ་རས་གཏམ་བཤད་བྱས་པ་ལྟར་ན། རྒྱ་ནག་གིས་ཁ་ནས་ངར་སྐད་སྒྲོགས་རྒྱུ་དང་ལག་ལེན་གཉིས་ཀའི་ཐོག་ཏུ་གླིང་ཕྲན་དེ་དག་གི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་དང་། རྒྱ་ནག་གི་བྱེད་སྟངས་དེས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཀྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱིན་འདུག ཉི་ཧོང་གི་མངའ་ཁོངས་སན་ཁ་ཁུ་གླིང་ཚོམ་གྱི་ཉེ་འཁོར་དུ་རྒྱ་ནག་གི་དམག་གྲུ་དེ་དག་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པས། ད་སྔ་གླིང་ཚོམ་དེ་དག་གི་ཉེ་འཁོར་ཐམས་ཅད་ཞི་བའི་བསྟི་གནས་ཤིག་ཡིན་པ་ཛ་དྲག་གི་ས་ཁུལ་ཞིག་ལ་སྒྱུར་ཡོད་པ་དང་། རྒྱ་ནག་གིས་བསམ་བཞིན་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG