ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་དང་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་འཛོམས་ཤིག་ཡོང་ཐབས་བྱེད་ཀྱི་ཡོད་པ།


བར་ལམ། ས་ཆའི་བདག་དབང་གི་གནད་དོན་དང་། འདས་པའི་ལོ་རྒྱུས་ཀྱི་གནད་དོན་བཅས་ཀྱིས་རྐྱེན་པས། ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་ཉམས་རྒུད་དུ་ཕྱིན་པར་བརྟེན། འབྲེལ་བ་སླར་གསོ་བྱ་རྒྱུའི་ཆེད་དུ། རིང་མིན་སྤྱི་ཟླ་བཅུ་གཅིག་པར་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་གནང་འཆར་ཡོད་པ་དེ་སྐབས། ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ ཨཱ་བྷེ་དང་། རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་ཟུར་དུ་མཇལ་འཛོམས་གྲོས་མོལ་ཡོང་ཐབས་སུ་ཕྱོགས་གཉིས་ཀས་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG