ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨི་ཊི་ལིའི་གྲོས་ཚོགས་གོང་མས་བོད་དོན་གསན་ཞིབ།


(Tibet.Net image)
(Tibet.Net image)
ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་བོད་དོན་གསན་ཞིབ་གནང་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ཨི་ཊི་ལིའི་གྲོས་ཚོགས་འཐུས་མི་ཚོར་བོད་ནང་གི་རང་ལུས་མེར་སྲེག་གི་ཛ་དྲག་ནས་བོད་པ་འཛིན་བཟུང་དང་བཙོན་འཇུག བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཞིག་སྙན་གསེང་ཞུས་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་སུ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG