ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་བུད་མེད་ཚོའི་ཐེར་འདོན་ལས་འགུལ་ལ་དྲག་གནོན།


༄༅།། རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་བློན་གཞོན་པ་ཟུར་པའི་ཀྲང་གའོ་ལིས་ལོ་བཅུ་ཙམ་ལ་དྲྭ་གྲུག་རྩེད་འགྲན་པ་གྲགས་ཅན་ཕེང་ཧྲུའེ་ལ་བཙན་དབང་གིས་ལོག་གཡེམ་དང་གབ་མཐུན་བྱེད་དུ་བཅུག་པ་ཐེར་འདོན་བྱས་ནས་གར་སོང་ཆ་མེད་དུ་གྱུར་པ་ནི་ཕེང་ཧྲུའེ་གཅིག་པུ་མ་རེད། རྒྱ་ནག་གི་བུད་མེད་ཚོར་ཐུབ་ཚོད་ཀྱི་གནས་ཚུལ་བྱུང་བ་རྣམས་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་འགོག་ཐབས་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཐོག་ཏུ་བུད་མེད་ཚོས་ང་ལའང་བྱུང་སོང་ཞེས་ཐེར་འདོན་ལས་འགུལ་ཞིག་སྤེལ་གྱི་ཡོད་པར་རྒྱ་ནག་གིས་དྲག་གནོན་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་སྤེལ་བའི་གནས་ཚུལ་དེ་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG