ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་བཀག་འགོག་བྱས་ཀྱང་ཞིན་ཅང་ལ་རྟོག་ཞིབ་བྱ་སྲིད།


༄༅།། བདུན་ཕྲག་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་གིས་མོས་མཐུན་བྱས་མིན་ལ་མ་ལྟོས་པར་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྟོག་ཞིབ་བྱ་སྲིད་ཅེས་བརྡ་ཞིག་བཏང་ཡོད་ཅིང་། གཟའ་ཟླ་བ་ཉིན་ཨ་མི་རི་ཀར་རྟེན་གཞི་བྱེད་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་ཆབ་སྲིད་ཀྱི་འབྲེལ་བ་བརྒྱུད་ནས་ཞིན་ཅང་གི་སྐོར་གླེང་སློང་བྱེད་དུ་མི་འཇུག་པའི་སྔོན་འགོག་བྱེད་ཀྱི་ཡོད་པར་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཤིག་སྨིན་སྲིད་ཅེས་གནས་ཚུལ་སྤེལ་འདུག་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG