ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨི་རན་དང་ཨུ་རུ་སུ། རྒྱ་ནག་བཅས་ཀྱི་དམག་སྦྱོང་།


༄༅།། ཨི་རན་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱིས་རྒྱ་གར་རྒྱ་མཚོའི་ནང་དུ་ཐེངས་དང་པོར་མཉམ་འབྲེལ་དམག་སྦྱོང་བརྡར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། དམག་སྦྱོང་དེའི་དམིགས་ཡུལ་ནི་ནུབ་ཕྱོགས་ལ་དམིགས་པ་ཞིག་དང་། ལྷག་པར་དུ་གོང་འཁོད་རྒྱལ་ཁབ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་ཞེས་ཨ་མི་རི་ཀར་སྟོན་ཐབས་ཤིག་ཡིན་མོད། འོན་ཀྱང་དབྱེ་ཞིབ་པ་ཚོས་ཨི་རན་གྱིས་རྒྱན་པོ་རྩེད་སྟངས་དེ་ཡག་པོ་ཞིག་རྩེད་ཀྱི་མེད་པའི་གསལ་སྟོན་བྱས་ཡོད་པའི་སྐོར། འདི་ག་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་སྦའེ་ཧོ་ཡིས་མོ་སི་ཀོ་ནས་སྤེལ་བའི་གནས་ཚུལ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG